བསླབ་པ་མཐར་སོན་མཛད་སྒོ།

སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡༢ སྤྱི་ཚེས་ ༢༢ ཉིན་གྱི་སྔ་དྲོའི་ཆར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བསླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་བདུན་པའི་ཐོག་འབྲོང་ངུར་ཆོས་རྗེ་རིན་པོ་ཆེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཕྱག་དྲོན་མོ་ནས་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་ཏེ། ༼ངེས་གསང་ལེགས་བཤད་མཛོད་འཆང་༽ཞེས་པའི་སློབ་དཔོན་གྱི་ཕྱག་ཁྱེར་བཞེས་ཡོད།

སྐབས་དེར་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་སྤྱི་ལོ་ ༢༠༡༡ ནས་ ༢༠༡༧ བར་བསླབ་པ་མཐར་སོན་པའི་དགེ་འདུན་པ་གྲངས་ ༤༤༣ དང་། བཙུན་དགོན་བཤད་གྲྭ་ནས་བསླབ་པ་མཐར་སོན་པའི་བཙུན་མ་གྲངས་ ༨༨ བཅས་ཁྱོན་བསྡོམས་དགེ་འདུན་བཙུན་མ་གྲངས་ ༥༣༡ གིས་སློབ་དཔོན་གྱི་ཕྱག་ཁྱེར་བཞེས་ཡོད།

སྐབས་དེར་སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དབུ་བཞུགས་འོག  ཞྭ་སེར་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་པ་དང་ཁྲི་ཟུར་རྣམ་གཉིས་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེ། དམིགས་བསལ་སྐུ་མགྲོན་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་འགན་འཛིན་ D.G.P. Neelmani N.Raju མཆོག་གི་སྐུ་ཚབ་ཀར་ན་ཊ་ཀ་མངའ་སྡེའི་ལྷོ་ངོས་རྫོང་དྲུག་གི་ཉེན་རྟོག་སྤྱི་ཁྱབ་ I.G.P. Vipul Kumar བཅས་སྐུ་དངོས་སུ་ཕེབས་ཡོད།

image image image image image image image image image image image image image image image image image image image image

image

883 total views, 1 views today