སེབ་ཁྲ་རྫ་རྒན།

འབྲོང་ངུར་ཆོས་རྗེའི་གསང་བ་གསུམ་གྱི་གནས་མཆོག་ལས། ཐུགས་ཀྱི་གནས་མཆོག་སེབ་ཁྲ་རྫ་རྒན་ནི། དེང་ཤག་ཆུ་ཁུལ་དུ་ཡོད། རྫ་བྲག་གི་ལྷུན་པོ་ཡིད་དབང་འཕྲོག་པའི་བཀོད་པ་དུ་མ་མཇལ་དུ་ཡོད།ཕྱི་ནང་གསང་གསུམ་གྱི་ངོ་མཚར་བའི་རྣམ་གཞག་དུ་མ་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ་ཞབས་ཀྱིས་གཟིགས་སྣང་གི་སྒོ་ནས་གཏན་ལ་ཕབས་པའི་གནས་ཡིག་ལས་ཞིབ་པར་གསལ། གནས་འདི་སྤྱི་ལོ་ 1969 ལོའི་མུན་ནག་ལོར་འགྲོ་དོན་དུས་ལ་བབ་པས་རྗེ་འགྲོ་འདུལ་པས་གནས་ཀྱི་སྒོ་མོ་ཕྱེས། ཡུན་རིང་བཞུགས་ཤིང་བྱིན་གྱིས་བརླབས་པ་དང་། དག་པའི་གཟིགས་སྣང་དུ་མ་ཤར་བ་དང་སྐབས་དེར་སྐད་གྲགས་ཤིན་ཏུ་ཆེ་བའི་འབྲོང་ངུར་ཆོས་རྗེའི་ལུང་ཡིག་ཅེས་པའང་གནས་འདི་ཡི་ངོགས་སུ་མཛད། ཞིབ་པར་གོང་གསལ་དག་ལས་རྟོགས་པར་བྱ།

841 total views, 3 views today

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ།