Smiley cartoon with thumb up

རྗེས་སུ་ཡི་རང་བའི་ཉམས་ལེན།

རྗེས་སུ་ཡི་རང་གི་སྒྲ་བཤད། ཡི་རང་བ་ཞེས་པའི་ཡི་ནི་ཡིད་དམ་སེམས་ལ་གོ་ཞིང་། རང་བ་ནི་མོས་པའམ་དགའ་བ་ལ་གོ་བས། སེམས་དགའ་བའམ་མོས་པ་ཞིག་ལ་ཡི་རང་ཞེས་བྱ། རྗེས་སུ་ཞེས་པ་ནི། ཡིད་དགའ་བའམ་མོས་པ་དེ་ཡང་སྤྱིར་ཡིད་དགའ་བའམ་མོས་པ་ཡོད་ཚད་མིན་པར་སྐབས་འདིར་གཞན་ཕ་རོལ་པོ་ཞིག་གི་རྗེས་སུ་ཡིད་དགའ་བའམ་མོས་པ་ཞེས་པའི་དོན་ཡིན། དེ་ཡང་གཞན་གྱི་དགེ་སྡིག་གི་བྱ་སྤྱོད་དམ་གཞན་གྱི་རྒྱུ་ནོར་ལོངས་སྤྱོད་སོགས་དངོས་པོ་གང་ཡང་རུང་བ་ཞིག་མཐོང་བ་ན།

dorje-sempa

སྡིག་པ་བཤག་པ་ལ་གཉེན་པོ་སྟོབས་བཞི་ཚང་དགོས།

སྡིག་པ་བཤག་པ་ལ་གཉེན་པོ་སྟོབས་བཞི་ཚང་དགོས་ཤིང་། གཉེན་པོ་སྟོབས་བཞི་མ་ཚང་ན། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཟེར་བ་ཙམ་གྱིས་སྡིག་པ་གཏན་ནས་འདག་མི་སྲིད། སྟོབས་བཞིའི་གོ་རིམ་དང་མིང་གི་བརྗོད་པ་མི་འདྲ་བ་འགའ་ཞིག་སྣང་མོད། འདིར་འཕགས་པ་ཆོས་བཞི་བསྟན་པའི་མདོ་ལྟར་བྱ་སྟེ།

300px-Centre_of_wheel_of_life

དུག་གསུམ།

དེས་ན་སྡུག་བསྔལ་དང་མི་དགེ་བའི་ལས་ཐམས་ཅད་ཀྱི་རྩ་བ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་འདི་ཡིན་པས། འདི་གསུམ་ལ་དུག་གསུམ་ཡང་ཟེར་ཞིང་། ཉེ་ཉོན་ཉི་ཤུ་སོགས་ཉོན་མོངས་ཀུན་གྱི་རྩ་བའང་འདི་གསུམ་ཡིན། འདི་གསུམ་གྱི་རྣམ་པ་དང་བྱེད་ལས་མི་འདྲ་བའི་གནས་སྐབས་སྣ་ཚོགས་པ་ལ་བརྟེན་ནས་མིང་གཞན་དང་གཞན་བཏགས་པས་ཉོན་མོངས་པའི་དབྱེ་བ་དང་རྣམ་གྲངས་མང་དུ་བྱུང་།

life-of-buddha-4

ཕྱག་འཚལ་བའི་ཡན་ལག་གི་དགོས་དོན་སྙིང་པོ་དང་ཕན་ཡོན།

ཕྱག་འཚལ་བའི་ཡན་ལག་གི་དགོས་དོན་སྙིང་པོ། སྤྱིར་སངས་རྒྱས་བྱང་སེམས་རྣམས་ལ་ཡིད་དང་བའི་སྒོ་ནས་ཕྱག་འཚལ་བས། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱོང་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པ་སོགས་དགོས་པ་དུ་མ་ཞིག་ཡོད་མོད། ཕྱག་འཚལ་བའི་ཆེད་དུ་བྱ་བའི་དགོས་པ་ནི། ཆོས་དང་འཇིག་རྟེན་གང་གི་ལུགས་ལ་ཡིན་ན་ཡང་ང་རྒྱལ་གྱི་གཉེན་པོ་བྱེད་པ་དེ་ཕྱག་འཚལ་བའི་དགོས་པ་གཙོ་བོ་ཡིན།

bardo-peaceful

སྣང་བ་ལྷར་སྒྲུབ་ཚུལ་ལ་དཔྱད་པ་རྟོག་གེས་མ་བསླད་པའི་རིག་འཛིན་གོང་མའི་ཞལ་བཅུད་དྲོན་མོ།

སྣང་བ་ལྷར་སྒྲུབ་ཞེས་པའི་སྣང་བ་དང་། །སྣང་བ་ལྷར་སྒྲུབ་ཞེས་པའི་ལྷ་དེ་ཉིད། ། གང་ལ་ངོས་འཛིན་རྒྱུད་གཞུང་དཀའ་བའི་གནད། །ཅུང་ཟད་དཔྱད་ལ་རྩ་གསུམ་གནང་བ་སྩོལ། །   མཐུན་པར་སྣང་བའི་ཀ་བ་བུམ་པ་སོགས། །སྣང་ཡུལ་རང་མཚན་འདི་ཀ་ཡིན་པ་འམ། ། འདི་ཀ་མ་ཡིན་འདི་ཡི་རང་བཞིན་ཞིག།དག་པ་ལྷ་རུ་སྒྲུབ་ཅེས་ཁ་ཅིག་རྩོད། །   ཡང་ན་དེ་གཉིས་ཀྱིས་ནི་དབྱེར་མ་ཕྱེ། །མདུན་དུ་སྣང་བའི་གོང་བུ་ཉིད་གཟུང་ངམ། ། གཞན་དུ་སྣང་དང་སྣང་ཡུལ་སྡེས་ཕྱེས་པའི། །སྣང་བ་དེ་ཉིད་ལྷ་རུ་སྒྲུབ་བམ་ཅི། །

350px-SRT34wheel_of_life

སེམས་ཅན་གསར་སྐྱེ། འཁོར་བ་ཐོག་མ། ཡོད་དམ་མེད།

དོན་ཀུན་གྲུབ་པས་མདོ་སྔགས་སྣ་ཚོགས་སུ།། འཁོར་བ་ཐོག་མ་མཐའ་མ་མེད་གསུངས་ཤིང་།། རྗེས་འཇུག་དག་གིས་ཐོག་མ་མེད་ན་ཡང་།། བྱེ་བྲག་པ་ལ་མཐའ་མ་ཡོད་དོ་གསུངས།།   འདི་ནི་རིགས་པས་དཔྱད་ན་དཀའ་གནད་དེ།། འཁོར་བའི་སེམས་ཅན་མུ་མེད་གྲངས་ཡས་ཀྱང་།། སེམས་ཅན་གསར་སྐྱེ་གཅིག་ཀྱང་ཡོད་མིན་པས།། སྔར་ཡོད་དེ་ལས་འཕེལ་མེད་སྨོས་ཅི་དགོས།།