Milarepa-by-Robert-Beer

ངའི་སེམས་ཁོང་གི་ཉི་མ་རྗེ་མི་ལ་ཐོས་པ་དགའ་བ་ཁྱེད་མཁྱེན་ནོ།།

རྗེ་མི་ལའི་ཞབས་ལ་གསོལ་བ་འདེབས།། ངའི་ཐོས་བསམ་དོན་ལྡན་བྱིན་གྱིས་རློབས།།   དུས་དེ་རིང་སྔ་འགྱུར་སྨོན་ལམ་གྱི།། ཉིན་མཐའ་མར་རིག་འཛིན་འདུས་པ་སོགས།། ཚོགས་འཁོར་ལོ་རྒྱ་ཆེར་བསྐོར་བྱས་ཏེ།། ཞག་བཅུ་པོ་མཐའ་མཇུག་ལེགས་པར་གྲུབ།།

wpid-padampa-sangye-nagpopa-14-jpg

གཅོད་ཟེར་བ་འདི་དོན་ངོ་མར་སུ་ཡི་ཆོས་སྐལ་ཡིན་ནམ།

རྡོར་གདན་དུ་སླེབས་ནས་ཡུན་རིང་ཞིག་གི་རྗེས་སུ་ཁ་སང་དགོང་མོ་གུས་པ་མཆོད་རྟེན་ཆེན་མོ་སྐོར་བར་ཕྱིན་པ་ཡིན། དེ་རིང་ངས་གླེང་འདོད་པ་ནི་སྐོར་ལམ་གྱི་གནས་ཚུལ་ཞིག་ཡིན། དེ་ཡང་མཆོད་རྟེན་ཆེན་མོའི་ལྷོ་ནུབ་མཆོད་མེ་ལྷ་ཁང་གྱི་མདུན་དུ་དད་ལྡན་ཁ་ཅིག་གིས་༼གཅོད་༽གཏོང་བཞིན་འདུག་ལ། སྐོར་བ་རྒྱག་མཁན་ཁ་ཅིག་དེར་དོ་སྣང་ཆེ་མདོག་གིས་ལྟ་ཉན་བྱེད་ཀྱིན་འདུག། ང་རང་ཡང་དེར་ཕྱིན་ནས་མཉན་པས་ཕྱི་ཚུལ་ནས་གཅོད་ཡག་པོ་ཞིག་གཏོང་གིན་པའི་སྣང་བ་ཤར། ཚིག་དག་ལ་གདངས་སྙན་པ། ཌཱ་དྲིལ་དང་ལུས་ངག་གི་ཉམས་འགྱུར་གང་འཚམས་ལྡན་པ། ཕར་བལྟས་ཚོད་ལ་ལུས་སེམས་རྩེ་གཅིག་གིས་འདོན་པ་ལྟར་སྣང་།

Buffalo_Hunt

ཇི་ལྟ་བུ་ཡི་ལས་བྱས་པ་དེ་ལྟ་བུ་ཡི་འབྲས་བུ་མྱོང་།

ནགས་ཚལ་སྟུག་པོ་ཞིག་གི་ནང་མ་ཧེ་གཅིག་དང་རྟ་གཅིག་ཡོད། ནམ་རྒྱུན་ཁོ་གཉིས་ཕན་ཚུན་འགྲམ་འགྲམ་ནས་འགྲོ་བ་དང་ལམ་ཁ་གཅིག་བརྒྱུད་ནས་རྫིང་བུ་གཅིག་གི་ཆུ་འཐུང་བ་སོགས་མཉམ་དུ་འཚོ་གནས་བྱེད་ཀྱི་ཡོད། ཉིན་གཅིག་སྟབས་མ་ལེགས་པར་གཉིས་ཀ་ཁ་མ་འཆམས་ནས་འཁྲུག་འཛིང་ཤོར་བ་རེད། ཡུན་རིང་འཛིང་བའི་སྐབས་དེར་མ་ཧེས་རྭ་ཅོ་གཞུས་གཞུས་ནས་རྟ་སྟོབས་ཤུགས་མེད་པ་ཆགས་སྟབས། མ་ཧེ་ལས་རྣམ་པར་རྒྱལ་ཐུབ་ཀྱི་མེད་པ་ཧ་གོ་ནས། རྟ་ལམ་སང་བྲོས་ཕྱིན་པ་རེད། བྲོས་བྲོས་ནས་ཁོ་མི་ཞིག་གི་འགྲམ་ལ་སླེབ། མི་དེ་ལ་རྟས་ཁོ་རང་ལ་རོགས་པ་བྱ་རྒྱུར་ཞུ་བ་ཕུལ།

Coffee-Tea-Water

ཆུ་དང་ཇའི་ཁྱད་པར་ཉི་ཤུ་བཞུགས་སོ།།

དེང་སང་གུས་པས་སྔ་འགྱུར་བཀའ་མའི་ལུང་ཞུ་བཞིན་པ་དང་བསྟུན་རྒྱལ་བ་རིན་པོ་ཆེའི་དབྱིན་དེབ་གསར་པ་ BEYOND RELIGION ethics for a whole world ཞེས་པ་དེ་ཞིབ་ཚགས་པོས་བཀླགས་དང་ཀློག་བཞིན་ཡོད། དེབ་དེའི་ནང་དོན་གཙོ་བོ་ནི་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཡིན་ཞེས་ཡང་ནན་གྱིས་གསལ་པོར་བྲིས་གནང་འདུག དེར་ཁོང་གིས་ཆོས་ལུགས་ཀྱི་བརྗོད་དོན་ལ་མ་བལྟོས་པའི་ཀུན་སྤྱོད་དང་ནང་གི་རིན་ཐང་དག་ནི་ཆུ་ལྟ་བུ་ཡིན་པ་དང་། ཆོས་ལུགས་ཀྱི་བརྗོད་དོན་གཞི་རྩར་བྱས་པའི་ཀུན་སྤྱོད་དང་ནང་གི་རིན་ཐང་དག་ནི་ཇ་ལྟ་བུ་ཡིན་པར་ཤོག་གྲངས་ ༡༧ པའི་ནང་གསུངས་འདུག

12202508_902021849881803_1260659981_n

དགོངས་རྫོགས་གསོལ་འདེབས་གཏེར་གྱི་བུམ་བཟང་།

གང་ཞིག་བསྟེན་ན་སྡུག་བསྔལ་གཞིར་གྱུར་པའི།། རང་རྒྱུད་མ་ཞི་ཉོན་མོངས་དུག་ཅན་ཚོགས།། རིམ་བཞིན་སྤངས་ཏེ་འཕྲལ་ཡུན་ཞི་བདེ་ཀུན།། མིག་སྔར་སྐྲུན་མཛད་དམ་ཆོས་བདུད་རྩི་མཆོད།།   གྲུབ་བརྒྱའི་གཙུག་རྒྱན་རྗེ་བཙུན་མི་ལ་དང་།། གསང་གསུམ་མཛད་ཕྲིན་རྣམ་དབྱེར་མ་མཆིས་པའི།། རྣལ་འབྱོར་དབང་ཕྱུག་དཀོན་མཆོག་ཆོས་བཟང་ཞེས།། ངེས་དོན་བསྟན་པའི་སྒྲོན་མེར་གསོལ་བ་འདེབས།།

Drong Ngur Choje Gangpa Rinchen Odzer

གསོལ་བ་འདེབས་པ་འདོད་འཇོ་ཆར་གྱི་ཟེགས་མ།

༄༅། །མཁས་ཤིང་གྲུབ་པའི་དབང་ཕྱུག་རྒྱལ་བ་གངས་དཀར་བ་རིན་ཆེན་འོད་ཟེར་ཞབས་ལ་གསོལ་བ་འདེབས་པ་འདོད་འཇོ་ཆར་གྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ།། སྟོན་བརྒྱའི་གཙུག་རྒྱན་མཉམ་མེད་ཤཱཀྱའི་གཙོ།། མུ་མེད་འཁོར་བ་ཐར་བྱེད་ལུང་རྟོགས་ཆོས།། མ་འདྲིས་འགྲོ་བའི་མཛའ་བཤེས་འཕགས་དགེ་འདུན།། དཀོན་མཆོག་རིན་ཆེན་གསུམ་གྱིས་ཤིས་པ་སྩོལ།།